我的上师 - 仲巴罗布.mp3
能正常播放的歌曲才可以下载
[00:00.000] 作曲 : 仲巴罗布[00:22.058]སྟག་དགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས་སྐར་བརྒྱད་ཅུར་ཕེབས་པའི་དགའ་སྟོན་དྲི་ཟའི་དབྱངས་སྙན། །[00:32.371]དབྲ་རྒྱལ་ཤེལ།[00:42.773]ལོ་འདི་ནས་ཡར་བརྩིས་བརྒྱད་ཅུའི་གོང་། །[00:46.191]སྒྲ་ཆེན་པོས་གནམ་ས་ཀུན་ནས་འགེངས། །[00:50.796]འོད་ཆེན་པོས་ནམ་མཁའ་གང་དང་བཅས། །[00:55.216]མགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས། །[01:02.073]དབྱར་འགོ་མའི་མེ་ཏོག་རྒྱས་དང་ལྷན། །[01:10.146]ས་ཆེན་པོ་འདི་ཡི་སྒང་གཞུང་ནས། །[01:13.517]མཚན་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ། །[01:20.077]མགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས། །[01:26.260]དུས་སྙིགས་མའི་སེམས་ཅན་བསྐྱབ་སླད་དུ། །[01:30.166]བསམ་བཞིན་དུ་སྲིད་པ་བཟུང་བ་ཡི། །[01:49.123]དོན་སངས་རྒྱས་སེམས་དཔའི་རྣམ་པར་འཕྲུལ། །[01:56.952]མགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས། །[02:02.575]རྗེ་དཔའ་བོ་ཚེ་རིང་སྤྲུལ་པའི་གར། །[02:08.497]དགོན་ཁྲ་མོའི་རྒྱན་དུ་ཆས་པའི་ཚེ། །[02:16.677]ཆོས་སྒྲུབ་པའི་རྒྱལ་མཚན་མཁའ་ལ་སྒྲེང་། །[02:20.103]མགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས། །[02:26.790]ལྷ་རིགས་གསུམ་སེམས་དཔའི་གནས་ཞོལ་དུ། །[02:32.684]བྱམས་སྙིང་རྗེས་གཞན་དོན་ལྷུར་ལེན་པའི། །[02:55.792]དབང་སྨིན་གྲོལ་ཟབ་མོའི་མཛོད་འཛིན་པ། །[03:03.504]མགོན་མཆོག་སྤྲུལ་པདྨ་རྒྱལ་པོ་འཁྲུངས། །[03:08.353]སྐུ་དགྱེས་འཛུམ་ཁྲིམས་ལྡན་སྤྱོད་པ་གཙང་། །[03:15.056]གསུང་སྙན་བརྒྱུད་ཟབ་མོའི་སྒྲ་དབྱངས་ལྡིར། །[03:23.230]ཐུགས་འོད་གསལ་ཁྱབ་བརྡལ་ཆེན་པོའི་ངང་། །[03:32.630]ཁྱེད་སྐུ་ཚེ་བསྐལ་བརྒྱར་འཚོ་བཞེས་གསོལ། །
展开