追月 - Khampa秧赛.mp3

追月 - Khampa秧赛.mp3
[00:00.000] 作词 : Khampa秧赛...
[00:00.000] 作词 : Khampa秧赛
[00:00.808] 作曲 : Khampa秧赛
[00:01.617]གཞས་ཚིག ཁམས་པ་དབྱངས་སྲས།
[00:04.779]གཞས་དབྱངས། ཁམས་པ་དབྱངས་སྲས།
[00:06.958]གཞས་པ། ཁམས་པ་དབྱངས་སྲས།
[00:08.591]སྐད་སྐྱོར། སྐལ་བཟང་ཆོས་མཚོ།
[00:10.471]སྒྲ་སྙོམས།/སྒྲ་སྙན་འབྲུག་མགོ། འབྲུག་ཆུང་རྒྱལ།
[00:12.323]སྒྲ་ལེན། ནོར་དབྱིངས་སྨྱན་སྦྱོར།
[00:15.021]མདུན་ཤོག་རི་མོ། Pema
[00:19.609]སེམས་ཀྱི་བུ་མོ།
[00:22.761]ཁྱོད་གང་ན་ཡོད།
[00:26.359]སེམས་ཀྱི་བུ་མོ།
[00:29.961]རྒྱང་རིང་ལ་ཡོད།
[00:33.562]ང་རང་ཁོ་ཚོར་འདྲ་བའི་ཕལ་བའི་མི་ཞིག་ཡིན་རུང་།
[00:37.080]ངའི་བརྩེ་བ་ཕལ་བ་མིན།
[00:40.784]ཁྱོད་ལ་བཞག་པའི་དམ་བཅའ་ནམ་མཁའི་འཇའ་ལྟར།
[00:43.881]རྟག་པ་མེད་པ་མིན།
[00:47.769]ངའི་སེམས་ཀྱི་བུ་མོ།
[00:51.203]སེམས་ནང་གི་ལྷ་མོ།
[00:55.026]ཁྱོད་ནི་གཞན་པ་དང་གཏན་ནས་མི་འདྲ།
[00:56.664]ཐོག་མར་མིག་གིས་མཐོང་དུས་ཚོར་བ།
[00:58.451]ཟུར་མིག་ང་ལ་འཕོངས་དང་དགའ་དགའ།
[01:00.155]མཉམ་དུ་བརྒལ་ཆོག་འཇིག་རྟེན་འཁོར་བ།
[01:02.033]ཉི་མ་ནུབ་རིའི་རྒྱབ་ལ་ནུབ་རྒྱུ་ཡོད་རུང་སླར་ཡང་འཆར་རྒྱུ་ཡོད།
[01:04.808]སུ་ལ་ཡང་རྟག་པ་མེད་རུང་ཁྱོད་དང་ཡུན་རིང་འཚོ་བའི་འཆར་གཞི་ཡོད།
[01:09.044]ང་ནི་ར་བའི་ནང་གི་པད་རྫིང་། ཁྱོད་ནི་བཅོ་ལྔའི་ཟླ་བའི་འོད།
[01:12.637]ཁྱོད་ཀྱི་འོད་ཟེར་མེད་ན་ང་ནི་ནམ་ཡང་མུན་ནག་དང་རླུང་བུའི་ཁྲོད།
[01:16.537]སེམས་ཀྱི་བུ་མོ།
[01:19.818]ཁྱོད་གང་ན་ཡོད།
[01:23.148]སེམས་ཀྱི་བུ་མོ།
[01:27.000]རྒྱང་རིང་ལ་ཡོད།
[01:30.535]སེམས་ཀྱི་བུ་མོ།
[01:33.879]ཁྱོད་གང་ན་ཡོད།
[01:37.419]སེམས་ཀྱི་བུ་མོ།
[01:41.141]རྒྱང་རིང་ལ་ཡོད
[01:44.629]བུ་མོ། བུ་མོ་ཁྱོད་གང་ན་ཡོད།
[01:46.499]ཁྱོད་ཀྱི་འཛུམ་མདངས་ངའི་སེམས་པའི་ནང་ལ་ཡོད།
[01:48.095]རྨི་ལམ་ནང་ལ་ཁྱོད་རང་ངའི་པང་ལ་ཡོད།
[01:49.780]ཁེར་རྐྱང་མ་བཞུད་ངེད་གཉིས་མཉམ་དུ་རྒྱང་ལ་སྐྱོད།
[01:51.561]ཁྱོད་ནི་རི་འདབས་ཀྱི་གངས་ལྷ་མེ་ཏོག
[01:53.282]དྲི་ཞིམ་ང་ལ་སྦྱིན་དང་ཨེ་ཆོག
[01:58.114]བརྟན་སེམས་རྡོ་རྗེ་བྲག་ཡིན་གཞན་པས་འགྲན་མི་ནུས།
[02:00.658]ཡིད་ཆེས་ང་ལ་བཅོལ་དང་མི་ཁ་ཉན་མི་དགོས།
[02:04.467]ངེད་གཉིས་སྨྱུ་གུ་དང་ཤོག་བུའི་འབྲེལ་བ་ལྟར།
[02:06.398]སོ་སོར་གྱེས་སོང་ན་གཏམ་རྒྱུད་དེ་འབྲི་ཐབས་བྲལ།
[02:07.881]སྐབས་རེར་འགལ་ཟླ་དེ་ལྷགས་རླུང་ཁྲོད་ཀྱི་ཆར།
[02:09.485]འོན་ཀྱང་འགོར་རྗེས་ཀྱི་བརྩེ་བ་ལ་ཉི་འོད་འཆར།
[02:11.228]ཁྱོད་ཀྱི་ངོ་གདོང་བཅོ་ལྔའི་ཟླ་ལྟར།
[02:12.917]ངེད་གཉིས་དཔེར་ན་རུས་དང་ཤ་ལྟར།
[02:14.650]བརྩེ་བ་ཇ་ཡི་ནང་གི་ཚྭ་ལྟར།
[02:16.503]མི་འདོད་པ་ནི་ཁྱོད་དང་ཁ་འབྲལ།
[02:18.277]འཇིག་རྟེན་མི་ཡི་སྣང་བ་མཐོ་དམན་འགྱུར་སླ།
[02:20.630]སེམས་པ་སྐྱོ་དུས་ང་རང་འགྱུར་སོང་མ་སྨྲ།
[02:23.091]ཁོང་ཚོའི་ཁ་ནང་གི་དམ་བཅའ་མང་རུང་སེམས་པ་ཁྲ་ཁྲ།
[02:25.540]ངའི་སེམས་རྡོ་རྗེ་བྲག་ལྟར་ཁོང་ཚོ་དང་མི་འདྲ་ཁ་ཁ།
展开