巴丁久美【家乡格仲安居乐业】 - 杂多·曲培文化.mp3

巴丁久美【家乡格仲安居乐业】 - 杂多·曲培文化.mp3
[00:00.000] 编曲 : 杂多·曲培文化 ...
[00:00.000] 编曲 : 杂多·曲培文化
[00:00.761]ཡུལ་དགེ་འབྲོང་བདེ་མོ་སྐྱིད་པོ་ཡིན།
[00:01.866]
[00:05.503]ཚིག ཀརྨ་བཀྲ་ཤིས།
[00:07.897]དབྱངས། རག་ཤི་ཀརྨ་བསམ་གཏན།
[00:09.633]ལེན་མཁན། དཔལ་ལྡན་འགྱུར་མེད།
[00:11.215]གླུ་ཚིག་བསྡུས་འགྲེལ།  མེ་ལོང་།
[00:37.489]
[00:38.733]ང་ད་ནངས་ཡོང་ཡོང་དགེ་རྒྱལ་ཡུལ་ནས་ཡོང་ཡིན།།
[00:42.513]གནས་བླ་མ་ནོར་ལྷའི་བྱིན་རླབས་ཁྱེར་ནས་སླེབས་ཡོད།།
[00:47.138]བསང་རླུང་རྟའི་མཆོད་སྤྲིན་ལྷ་ལ་ཕུལ་བཞིན་སླེབས་ཡོད།།
[00:51.449]དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
[00:55.191]
[00:56.306]གཡང་ཕ་ས་གྲུ་བཞི་བདག་མེད་ལུང་སྟོང་བྱས་མེད།།
[01:00.836]ཕ་འབྲོག་པའི་འཚོ་གནས་ཁྱད་ནོར་རྩ་མེད་བཏང་མེད།།
[01:04.944]ཡུལ་ཕུ་ནུ་དགའ་བའི་གཏམ་བཟང་ཁྱེར་ནས་སླེབས་ཡོད།།
[01:09.839]དཀའ་མ་ཐལ་ཚང་མ་བདེ་མོ་སྐྱིད་པོ་ཡིན་ལགས།།
[01:14.573]
[01:32.912]ང་ད་ནངས་ཡོང་ཡོང་འབྲོང་པའི་ཡུལ་ནས་ཡོང་ཡིན།།
[01:37.355]ལྕི་ལྷ་ཁང་སྨུག་མོའི་ཕྱྭ་གཡང་ཁྱེར་ནས་སླེབས་ཡོད།
[01:41.801]གཡང་ཆགས་པའི་དགེ་མཚན་གཞན་ལ་ངོམ་བཞིན་སླེབས་ཡོད།།
[01:46.318]དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
[01:51.031]
[01:52.033]བོད་ཁ་བའི་ཆ་ལུགས་སྲོལ་རྒྱུན་གཞན་ལ་འགྱུར་མེད།།
[01:55.605]བྱམས་སྙིང་རྗེའི་ལྟ་བ་དགེ་མེད་སྡིག་ལ་བསྐུར་མེད།།
[02:00.321]ཕ་མེས་པོའི་སྤྲད་པའི་ནོར་བུ་ཁྱེར་ནས་སླེབས་ཡོད།།
[02:04.522]དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
[02:09.274]
[02:27.502]ང་ད་ནངས་ཡོང་ཡོང་དགེ་འབྲོང་ཡུལ་ནས་ཡོང་ཡིན།།
[02:32.173]ཡུལ་དགེ་འབྲོང་སྡེ་བའི་ལོ་རྒྱུས་ཁྱེར་ནས་སླེབས་ཡོད།།
[02:36.546]བཀྲ་ཤིས་པའི་གླུ་ཆུང་བོད་ལ་ལེན་བཞིན་སླེབས་ཡོད།།
[02:41.074]དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
[02:45.354]
[02:45.896]བོད་ཁ་བའི་རིགས་ཞེན་སྙིང་གི་དབུས་ནས་ཡལ་མེད།།
[02:50.556]ཕ་བླ་མའི་ཞལ་གསུངས་སེམས་ཀྱི་གཏིང་ནས་བརྗེད་མེད།།
[02:54.855]བཀྲ་ཤིས་པའི་ཁ་བཏགས་ལག་ཏུ་བཟུང་ནས་སླེབས་ཡོད།།
[02:59.519]དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
[03:03.342]
[03:04.224]དུས་དེ་རིང་ང་ཚོ་མཉམ་དུ་བྲོ་ཞིག་འཁྲབ་ཤོག།
[03:08.643]སེམས་དགའ་བའི་སྐོར་བྲོ་མཉམ་དུ་ཡ་ལ་འཁྲབ་ཤོག།
[03:13.160]དུས་དེ་རིང་ང་ཚོ་མཉམ་དུ་གླུ་ཞིག་ལོངས་ཤོག།
[03:17.642]སང་ཡང་ཡང་མཇལ་བའི་གླུ་ཞིག་ཡ་ལ་ལོངས་ཤོག།
展开