思潮 - 德格加DGJ.mp3
能正常播放的歌曲才可以下载
[00:00.000] 作曲 : 德格加DGJ[00:30.607]མེ་ཏོག་སྣ་ཚོག་བཞད་པའི་མཛེས་པའི་སྤང་གཞོངས་ཞིག་ན། །[00:40.476]འབྲི་མོའི་བཞོ་དབྱངས་ལྷང་ངེ་བེའུ་ཆུང་རྩེད་འགྲོས་ཤར་རེ། །[00:49.292]སྦྲ་ཆུང་དུད་སྤྲིན་ལྷོག་ལྷོག་གཡང་ཁྱིམ་དྲོན་མོ་ཞིག་ཡོད། །[00:57.922]ནང་འཛིན་བུ་མོ་དེ་ལ་བརྩེ་བའི་མགུལ་རྒྱན་བསྒྲོན་ཡོད། །[01:11.653]བརྩེ་འདང་དཀར་ཡོལ་འབྲུག་མ་ཁྲེལ་གཞུང་འོ་མའི་བཀང་ན། །[01:22.038]སེམས་སོང་སེམས་ཀྱི་བུ་མོ་ཁྱེད་ཀྱིས་གཙང་བཞེས་གནོང་དང་། །[01:30.388]གསོན་ན་སེམས་རྟེན་ཁྱོ་ཡིན་ཤི་ན་ཞེན་ཆགས་ཁྱོ་ཡིན། །[01:39.073]འཇིག་རྟེན་འཁོར་བའི་སྙིང་བོ་རྒྱུ་དང་དབང་གྲགས་མ་རེད།།[01:47.710]ཡིན་ཐུང་མི་ཚེའི་སྣང་བ་ཁྲེལ་དང་གཞུང་གི་འཚོ་རོགས། །[01:57.834][02:23.713]སྨིག་སྤྲིན་ཤམ་བུ་གཡོ་བའི་མཐོན་པོ་རྫ་ལུང་ཞིག་ན། །[02:34.123]རྩྭ་ལྗང་ཟིལ་བ་ཁྲོམ་མེར་གཡང་དཀར་འབའ་སྒྲ་ལྷང་ངེར། །[02:42.448]རི་གླུ་སང་སང་ལེན་པའི་འབྲོག་མོ་ཆུང་ཆུང་ཞིག་ཡོད། །[02:51.255]གཡང་རྫི་བུ་མོ་དེ་ལ་སེམས་གཏམ་ཚིག་གསུམ་ཞུས་ཡོད། །[03:05.095]སྣང་བ་དར་སྐུད་ཕྲ་མོ་དམ་བཅའི་འདུད་པ་བརྒྱབ་ན། །[03:15.102]སེམས་སོང་སེམས་ཀྱི་བུ་མོ་ཁྱེད་ཀྱིས་མགུལ་ལ་བསྒྲོན་དང་། །[03:23.794]སྐྱིད་ན་དགོད་སྒྲ་ཁྱོ་ཡིན་སྡུག་ན་མིག་ཆུ་ཁྱོ་ཡིན། །[03:32.316]དགའ་གི་དུང་གི་ཟེར་བ་ཕྱི་ཡི་ཁ་ལབ་ཙམ་རེད། །[03:40.772]སྐྲ་དཀར་གཉེར་མའི་གསེབ་ལ་བརྩེ་འདང་རི་མོ་འབྲི་རོགས། །
展开