伟大的天使 - 扎多尔.mp3

伟大的天使 - 扎多尔.mp3
[00:00.000] 作曲 : 扎多尔 [00:...
[00:00.000] 作曲 : 扎多尔
[00:00.000]རླབས་ཆེན་གྱི་ཕོ་ཉ།
[00:00.000]གཞས་ཚིག ཁ་བ་རྒྱལ།
[00:00.000]གཞས་དབྱངས། བཀྲ་རྡོར།
[00:00.000]གཞས་པ། བཀྲ་རྡོར།
[00:00.000]རོལ་མོ་བ། རིག་རྡོར།
[00:00.000]ཟུར་བཤད། ཡེ་ཤེས་མཚོ་མོ།
[00:03.022]
[00:03.294]ཕ་ཡུལ་འདིར་ནད་ཀྱིས་བཟུང་ཚེ།
[00:06.423]གོས་དཀར་ཅན་གྱི་དཔུང་ཚོགས་དེ་འགྲམ་དུ་ཡོད་ལ།
[00:10.968]ནང་སེམས་ཀྱི་འཇིགས་སྐྲག་ངང་གིས་འཇགས་ཤིང་ལྷོད་ལ་བབས།
[00:28.128]
[00:28.591]ནད་རིམས་འདི་ཡིས།  ཕ་ཡུལ་གྱི་རང་མདངས་ཉམས་སོང་།
[00:45.543]གངས་རི་ལ་ཐལ་རྡུལ་ཆགས་ཤིང་གཙང་བོར་འདམ་གྱིས་བཟུང་།
[00:52.086]གངས་རྒན་ཚོས་སྔར་མེད་ཀྱི་གྲང་སད་འདིར་དངངས་སྐྲག་སྐྱེས།
[01:01.807]ཉེན་ཁ་ཆེ་བའི་འཆི་གསོན་ལ་འཐབ་འཛིང་བྱེད་མགོ་བརྩམས།
[01:12.089]དུས་དེར།  གོས་དཀར་གྱོན་པའི་རླབས་ཆེན་གྱི་ཕོ་ཉ་ཞིག
[01:23.632]ཉམས་ཐག་གི་ཚེ་སྲོག་དུ་མ་གཡང་གཟར་ལས་སྐྱོབ།
[01:33.576]དམངས་སེམས་ན་ཉམས་པ་མེད་པའི་མགོན་སྐྱབས་རྣལ་མ་དེ་ཡིན།
[01:43.672]ལམ་མདོ་བཞི་ཁ་རུ་འགྲེང་པའི་དཔའ་བོ་དེ་ཡིན།
[01:50.374]ཆར་ཆུ་དང་གྲང་རླུང་ཇི་ལྟར་རྒོད་རུང་།
[01:53.710]ཕོ་ཉ་ལ་ཉམས་པ་མི་འདུག
[02:23.564]
[02:35.218]སྔ་མོའི་དུས་སུ།  གྲོང་ཁྱེར་འདིར་འདུ་འཛིས་ཁེངས་ཏེ།
[02:47.069]ཚེ་ཕྱེད་ཀྱི་ཀྱལ་ཀ་འདི་ལ་རྫོགས་པའི་ཐབས་ཤེས་བྲལ།
[02:56.980]ཞོ་འཐུང་ཚོའི་རྩེད་དགོད་ཀྱི་ཕ་ཡུལ་འདིར་གསོན་ཤུགས་རྒྱས།
[03:06.955]ནད་ཡམས་འདི་ཡིས་གོས་དཀར་གྱི་ཕོ་ཉ་གཉིད་ལས་དཀྲོགས།
[03:18.702]དུས་དེར། ཟང་ཟིང་ཁྱེར་བའི་གྲོང་ཁྱེར་འདི་གཉིད་དུ་ཡུར།
[03:28.702]གློ་བུར་གྱི་ལྷིང་འཇགས་འདི་ལ་སིམ་པོ་མ་བྱུང་།
[03:38.419]དབེན་པ་འདིས་ཡིད་ཀྱི་གཏིང་རུམ་ན་རྨ་ཁ་གང་མང་བཟོས་ཡོད།
[03:45.307]ཡིན་ཡང་རྨ་ཁ་དེའི་གཉེན་པོ་གཉིད་ལས་སད་པས།
[03:48.852]ནད་དུག་དེའི་ངར་འགྲོས་ཅི་འདྲའི་ཆེ་ཡང་།
[03:52.035]ཕོ་ཉ་ལ་ཉམས་པ་མི་འདུག
[04:01.756]དབེན་པ་འདིས་ཡིད་ཀྱི་གཏིང་རུམ་ན་རྨ་ཁ་གང་མང་བཟོས་ཡོད།
[04:08.587]ཡིན་ཡང་རྨ་ཁ་དེའི་གཉེན་པོ་གཉིད་ལས་སད་པས།
[04:11.746]ནད་དུག་དེའི་ངར་འགྲོས་ཅི་འདྲའི་ཆེ་ཡང་།
[04:12.690]ཕོ་ཉ་ལ་ཉམས་པ་མི་འདུག
展开