扎西尼玛 献给晚辈的歌 - 果洛扎西尼玛.mp3

扎西尼玛 献给晚辈的歌 - 果洛扎西尼玛.mp3
[00:01.214]རིགས་ལ་གདམས་པའ...
[00:01.214]རིགས་ལ་གདམས་པའི་གླུ།
[00:04.869]ཚིག། དུང་སྒྲ།
[00:07.534]དབྱངས། བཀྲ་ཤིས་རྣམ་རྒྱལ།
[00:10.177]ཐོག་མར་ལེན་མཁན། བཀྲ་ཤིས་རྣམ་རྒྱལ།
[00:12.045]བསྐྱར་ལེན། བཀྲ་ཤིས་ཉི་མ།
[00:14.711]སྒྲ་ལེན་པ། རྟ་མགྲིན།
[00:15.752]གླུ་ཚིག་རྒྱ་འགྱུར། བཀྲ་ཤིས་ཉི་མ།
[00:31.646]ཨ་ཕའི་ཕྱག་གིས་བསྐྱོར་བའི་ཕ་ས།
[00:40.681]ཨ་མའི་སེམས་ཀྱིས་བསྐྱངས་བའི་ཕ་ཡུལ།
[00:49.444]སྟོད་ཀྱི་གངས་དང་སྨད་ཀྱི་མཚོ།
[00:53.040]ཟབ་མོ་ནགས་དང་དྭངས་མོ་ཆུ།
[00:58.397]བླ་རི་བཀུར་ཏེ་མགོན་དུ་བརྟེན་དགོས་ཡོད།
[01:05.542]མིག་གིས་འཚོས་ཏེ་ཡིད་དུ་སྒོམ་དགོས་ཡོད།
[01:12.708]ང་ཡི་བོད་ཁམས་ལྷ་ཡི་དག་ཞིང་ཡིན།
[01:19.834]ང་ཡི་བོད་པ་མི་ཡི་མཆོག་གྱུར་ཡིན།
[01:26.933]ཕ་བཟང་བུ་དང་མ་བཟང་བུ་མོ་ཚོ།
[01:34.195]ཕ་ས་སྲུངས་དགོས་ཕ་ཡུལ་བསྐྲུན་དགོས་ལགས།
[01:57.533]ཨ་ཕའི་སྲོག་ལ་བརྗེས་བའི་སྐད་ཡིག
[02:06.675]ཨ་མའི་ཚེ་ལ་བརྒྱུད་པའི་སྲོལ་རྒྱུན།
[02:15.415]ངག་གི་སྐད་དང་སེམས་ཀྱི་གཤིས།
[02:18.859]རང་གི་རིགས་དང་རང་གི་ལུགས།
[02:24.488]གཙུག་ཏུ་བཀུར་ཏེ་རྒྱན་དུ་བརྩི་དགོས་ཡོད།
[02:31.610]ཁྲག་ལ་འདྲེས་ཏེ་རྐང་དུ་ཟུག་དགོས་ཡོད།
[02:38.676]ང་ཡི་སྐད་ཡིག་དབྱངས་གསལ་སོ་བཞི་ཡིན།
[02:45.891]ང་ཡི་སྲོལ་ལུགས་ཡ་རབས་སྤྱོད་བཟང་ཡིན།
[02:53.045]རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚོ།
[03:00.322]སྲོལ་རྒྱུན་འཛིན་དགོས་སྐད་ཡིག་སློབ་དགོས་ལགས།
[03:07.651]ང་ཡི་བོད་ཁམས་ལྷ་ཡི་དག་ཞིང་ཡིན།
[03:14.533]ང་ཡི་བོད་པ་མི་ཡི་མཆོག་གྱུར་ཡིན།
[03:21.605]ཕ་བཟང་བུ་དང་མ་བཟང་བུ་མོ་ཚོ།
[03:28.933]ཕ་ས་སྲུངས་དགོས་ཕ་ཡུལ་བསྐྲུན་དགོས་ལགས།
展开