松赞 - 拉桑加.mp3

松赞 - 拉桑加.mp3
[00:00.000] 作词 : 拉桑加 [00:...
[00:00.000] 作词 : 拉桑加
[00:01.000] 作曲 : 拉桑加
[00:02.000] 编曲 : 拉桑加
[00:05.706]སྲོང་བཙན།
[00:09.131]ཚིག ལྷག་བསམ་རྒྱལ།
[00:12.847]དབྱངས། ལྷག་བསམ་རྒྱལ།
[00:16.833]ལེན་མཁན། ལྷག་བསམ་རྒྱལ།
[00:33.382]སུམ་ཉིས་ས་ཡི་དབང་བསྒྱུར།
[00:37.807]སྲོང་བཙན་རྗེ།
[00:39.738]རི་བོ་གྲུ་འཛིན་བཞེངས་པའི།
[00:43.285]སྲོང་བཙན་རྗེ།
[00:45.875]རྒྱ་བཟའ་བལ་བཟའ་བསུས་པའི།
[00:49.764]སྲོང་བཙན་རྗེ།
[00:53.076]ཆོས་སྲིད་ཉི་ཟླ་ཟུང་མཛེས།
[00:56.253]ངའི་བཙན་པོ།
[00:59.026]སྲོང་བཙན་རྗེ།
[01:07.471]སོ་དྲུག་ཁོད་ཀྱི་ཞལ་ལྕེ་བརྟན་པོ་ཡིས།
[01:10.923]ཁྲི་སྟོང་ལོ་རྒྱུས་རིང་བའི་བོད་འབངས་བསྐྱངས།
[01:15.564]བཅུ་དྲུག་མི་ཆོས་གཙང་མའི་བཀའ་རྒྱ་ཡིས།
[01:19.301]རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཉི་གཞོན་བསུས།
[01:25.912]ཨོ་་་
[01:26.728]སྲོང་བཙན་དམག་ལ་ཆས་ཙ་ན།
[01:28.669]རུ་དར་དགུང་ལ་ཟིངས་སེ་ཟིང་།།
[01:30.571]མདའ་མདུང་ས་ལ་ཉིལ་ལི་ལི།།
[01:32.328]དཔའ་བོའི་དཔའ་གཏམ་ཤིགས་སེ་ཤིག
[01:35.892]སྲོང་བཙན་དམག་ལ་ཆས་ཙ་ན།
[01:37.866]དགྲ་མགོ་ས་ལ་ཐ་ར་ར།
[01:39.693]དགྲ་ཁྲག་ཐང་ལ་ཀྱུ་རུ་རུ།
[01:41.597]སྡར་མའི་སྡར་སྐད་ཙི་རི་རི།
[01:43.391]རྒྱལ་ཁའི་གཏམ་བཟང་འུ་རུ་རུ།།
[01:46.939]ཨ་་་
[01:50.776]ང་ཡི་བཙན་པོ།
[02:18.437]གཙུག་ལག་ལྷ་ཁང་བཞེངས་པའི།
[02:21.090]སྲོང་བཙན་རྗེ།
[02:23.141]དབྱངས་གསལ་ཡི་གེ་བཟོས་པའི།
[02:26.432]སྲོང་བཙན་རྗེ།
[02:29.414]རྒྱ་བལ་རིག་གཞུང་འདྲེན་པའི།
[02:32.742]སྲོང་བཙན་རྗེ།
[02:35.967]ཆོས་སྲིད་ཉི་ཟླ་ཟུང་མཛེས།
[02:39.402]ངའི་བཙན་པོ།
[02:42.317]ཨོ་་་
[02:42.317]སྲོང་བཙན་རྗེ།
[02:48.656]རུ་ཆེན་ལྔ་ཡི་རུ་དཔུང་དྲག་པོ་ནི།
[02:50.958]ཕས་རྒོལ་ཝ་སྐྱེས་འཇོམས་པའི་སེ་གེ་བཞིན།
[02:53.095]སྟོད་སྨད་དཔའ་སྡེ་གསུམ་གྱི་དཔའ་རྩལ་ནི།
[02:55.665]དགྲ་སྡེ་འགོག་པའི་རྡོ་རྗེ་ལྕགས་རི་བཞིན།
[02:58.204]མཐའ་འདུལ་ཡང་འདུལ་གཙུག་ལག་ལྷ་ཁང་གིས།
[03:00.467]མི་མིན་ལྷ་འདྲེ་གདུག་ཅན་ས་མཐར་བསྐྲད།
[03:03.462]བཅུ་ཕྲག་དགེ་བཅུའི་གསེར་གྱི་འཁོར་ལོ་ནི།
[03:05.815]འདི་ཕྱི་ཀུན་ཏུ་སྐྱོབ་པའི་དན་རྟགས་ཡིན།
[03:08.363]དབང་དུ་བསྒྱུར་བའི་དབང་རིས་བཅོ་བརྒྱད་ནི།
[03:10.389]འཛམ་གླིང་མཛེས་པའི་གསེར་གྱི་པ་ཏྲ་ཡིན།
[03:15.866]རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ནི།
[03:19.683]དགོས་པའི་དུས་ལ་སྟག་གཟིག་མཆོང་འདྲ་རེད།
[03:24.150]གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ནི།།
[03:27.996]རྒྱལ་འབངས་བདེ་བའི་ཀི་བསྭོ་མཉམ་སྒྲོག་རེད།
[03:35.366]སྲོང་བཙན་དམག་ལ་ཆས་ཙ་ན།
[03:37.447]རུ་དར་དགུང་ལ་ཟིངས་སེ་ཟིང་།
[03:39.146]མདའ་མདུང་ས་ལ་ཉིལ་ལི་ལི།
[03:41.101]དཔའ་བོའི་དཔའ་གཏམ་ཤིགས་སེ་ཤིག
[03:44.596]སྲོང་བཙན་དམག་ལ་ཆས་ཙ་ན།
[03:46.585]དགྲ་མགོ་ས་ལ་ཐ་ར་ར།
[03:48.432]དགྲ་ཁྲག་ཐང་ལ་ཀྱུ་རུ་རུ།
[03:50.331]སྡར་མའི་སྡར་སྐད་ཙི་རི་རི།
[03:52.174]རྒྱལ་ཁའི་གཏམ་བཟང་འུ་རུ་རུ།
[03:55.797]ཨ་་་
[03:59.399]ང་ཡི་བཙན་པོ།
展开