命运之神诞辰快乐·洛赛 - 杂多·曲培文化.mp3

命运之神诞辰快乐·洛赛 - 杂多·曲培文化.mp3
[00:02.619]ལས་དབང་གི་ལྷ་ཆ...
[00:02.619]ལས་དབང་གི་ལྷ་ཆེན། འཁྲུངས་སྐར་བསུ།
[00:05.362]རྩོམ་པ་པོ། མཁན་ཕྲིན་ལས་རིག་འཛིན།
[00:06.666]དབྱངས། བློ་གསལ།
[00:07.826]ལེན་མཁན། བློ་གསལ།
[00:09.410]
[00:12.570]ཁམས་ཀྱི་གདུལ་བྱའི་དད་པའི་མེ་ཏོག་གིས།།
[00:19.003]མཆོད་པའི་གསེར་གྱི་ཁྲི་འཕང་མཐོན་པོའི་རྩེར།།
[00:23.762]དགྱེས་པའི་ཞལ་ལ་ཐུགས་བརྩེའི་འཛུམ་མདངས་ཅན།།
[00:28.474]སྔོན་བྱོན་འདྲེན་མཆོག་དཔལ་ལྡན་སྤྱི་བོར་མཆོད།།
[00:47.298]
[00:57.122]གཙང་ཡུལ་ལྷ་སྡེ་ཕྱུག་མོར་རྟེན་འབྲེལ་གྱིས།།
[01:03.242]སླར་ཡང་མཚན་དཔེ་གཟུགས་སྐུ་མངོན་བཞད་པའི།།
[01:08.315]མཆོག་སྤྲུལ་དམ་པ་བདེ་ལེགས་བཀྲ་ཤིས་ཀྱི།།
[01:13.002]འཁྲུངས་པའི་དུས་བཟང་དགའ་དད་འབུམ་གྱིས་བསུ།།
[01:31.786]
[01:41.642]བཀྲ་ཤིས་ལུང་རིགས་འཆི་མེད་དགའ་ཚལ་གྱི།།
[01:47.882]སྐྱབས་མཆོག་ཁྱེད་ཉིད་སྐུ་ཚེ་རབ་བརྟན་ཅིང་།།
[01:52.698]བདེ་ལེགས་འབྱུང་གནས་ལས་བཞིའི་མཐུ་རྩལ་གྱིས།།
[01:57.633]བཀྲ་ཤིས་མཛད་འཕྲིན་གོང་དུ་འཕེལ་བར་ཤོག།
[02:16.426]
[02:26.146]ཁྱེད་སྐུ་ཉི་མ་གཞོན་ནུའི་གཟི་བྱིན་ལས།།
[02:32.474]བསྟན་འགྲོར་སྨན་པའི་དགེ་མཚན་སྤེལ་བ་ལ།།
[02:37.194]གནོད་སྦྱིན་ཙིའུ་དམར་འཁོར་དང་བཅས་པ་ཡིས།།
[02:41.962]རྟག་ཏུ་འབྲལ་བ་མེད་པར་མཐུན་འགྱུར་མཛོད།།
[02:48.226]གནོད་སྦྱིན་ཙིའུ་དམར་འཁོར་དང་བཅས་པ་ཡིས།།
[02:52.954]རྟག་ཏུ་འབྲལ་བ་མེད་པར་མཐུན་འགྱུར་མཛོད།།
[02:59.498]གནོད་སྦྱིན་ཙིའུ་དམར་འཁོར་དང་བཅས་པ་ཡིས།།
[03:04.194]རྟག་ཏུ་འབྲལ་བ་མེད་པར་མཐུན་འགྱུར་མཛོད།།
展开